高标准农田建设管护倡议书

时间:2026-06-30 17:58:04 来源:山南市农业农村局

全市广大农民朋友、种植大户、各经营主体:

高标准农田是保障粮食安全、改善农业生产条件、带动农民增收致富的重要民生工程。高标准农田建设秉持“三分建、七分管”原则,只有常态管护、长效运维,才能持续发挥工程效益。为切实守护好农田建设成果,现发出如下倡议。

一、严守耕地红线。自觉遵守耕地保护法律法规,严格落实永久基本农田保护制度。严禁在农田内挖砂取土、违规建房、堆放垃圾杂物,禁止种植苗木、草皮等破坏耕作层的行为,坚决杜绝耕地撂荒弃耕。

二、爱护农田设施。自觉珍惜保护田间道路、灌溉渠道、泵站管网、桥涵盖板、标识标牌等农业基础设施,做到不侵占、不损毁、不私改、不盗窃公共设施。

三、做好日常养护。主动清理田间沟渠、排水口的淤泥杂草和废旧农膜,保障排灌水系畅通。常态化开展渠道清淤、渠肩加固工作,及时排查整改田间小型设施问题。

四、规范田间作业。广大农户及农机手开展农事作业时,规范操作、轻耕慢行,避免碾压、磕碰农田基础设施。若不慎造成设施损坏,需主动担责、及时修复。

五、凝聚管护合力。邻里之间相互提醒、互相监督,自觉抵制乱占农田、破坏设施等违规违法行为。发现设施损毁、恶意破坏、违规作业等情况,及时向村委(居)、乡镇(街道)政府上报。 
   良田护得好,丰产才有保。希望全体群众主动参与农田管护,共同守护稳产高产良田,让高标准农田持续成为群众的“增收田”、“幸福田”。


            山南市农业农村局

              2026年6月25日

ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་དོ་དམ་སྲུང་སྐྱོང་གི་གྲོས་འདོན་ཡི་གེ།

གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་གྲོགས་པོ་རྣམ་པ་དང་འདེབས་འཛུགས་དུད་ཚང་ཆེ་གྲས། གཉེར་སྐྱོང་བྱེད་པོ་བཅས་ལ།

   ཚད་གཞི་མཐོ་བའི་ཞིང་ནང་ནི་འབྲུ་རིགས་བདེ་འཇགས་འགན་ལེན་དང་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ་བཅས་ཀྱི་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་ཡིན། ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་བྱེད་པར་འཛུགས་སྐྲུན་ནི་རྨང་གཞི་དང་དོ་དམ་ནི་འགག་རྩ་ཡིན་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། རྒྱུན་རྣམ་དོ་དམ་སྲུང་སྐྱོང་དང་ཕུགས་ཕན་བདག་སྐྱོང་བྱས་ཚེ་གཞི་ནས་ལས་གཞིའི་ཕན་འབྲས་རྒྱུན་མཐུད་ངང་འདོན་སྤེལ་བྱེད་ཐུབ། ཞིང་ནང་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་སྲུང་སྐྱོང་ཡག་པོ་བྱ་ཆེད། ད་ལྟ་གྲོས་འགོ་འདོན་རྒྱུ་གཤམ་གསལ།

གཅིག རྨོ་ཞིང་གི་དམར་ཐིག་ནན་པོ་སྲུང་བ། རང་རྟོགས་ངང་རྨོ་ཞིང་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་ཞུ་བ་དང་རྒྱུན་གནས་གཞི་རྩའི་ཞིང་ནང་སྲུང་སྐྱོང་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། ཞིང་ནང་དུ་བྱེ་ས་སྔོག་འདོན་བྱེད་པ་དང་སྒྲིག་འགལ་ངང་ཁང་པ་རྒྱག་པ། གད་སྙིགས་སྤུངས་པ། སྡོང་ཕྲུག་དང་ལ་མ་འདེབས་པ་སོགས་རྨོ་རིམ་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་བཅས་བཀག་སྡོམ་བྱས་ཏེ། རྨོ་ཞིང་ཐ་རྒོད་དུ་ལུས་པ་དང་རྨོ་འདེབས་མི་བྱེད་པ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། 

གཉིས། ཞིང་ནང་སྒྲིག་བཀོད་ལ་གཅེས་སྤྲས་བྱེད་པ། ཞིང་ནང་འགྲོ་ལམ་དང་ཆུ་འདྲེན་ཡུར་བུ། ཆུ་འཐེན་ས་ཚིགས་ཀྱི་མདོང་དྲ། ཟམ་པ་དང་ཆུ་འགྲོའི་ཁེབས་ལེབ། མཚོན་རྟགས་བྱང་བུ་སོགས་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་རང་རྟོགས་ངང་གཅེས་སྤྲས་དང་སྲུང་སྐྱོང་བྱས་ཏེ། སྤྱི་པའི་སྒྲིག་བཀོད་ཧམ་བཟུང་དང་གཏོར་བརླག རང་དགར་བཟོ་བཅོས། རྐུ་ཁྱེར་བཅས་བྱས་མི་ཆོག 

གསུམ། རྒྱུན་གཏན་གྱི་བདག་སྐྱོང་ཡག་པོ་བྱེད་པ། ཞིང་ནང་གི་ཆུ་ཡུར་དང་ཆུ་འབུད་ཁའི་འདམ་རྫབ་དང་རྩྭ་སྙིགས། ཞིང་སྤྱོད་འགྱིག་ཤོག་རྙིང་པ་བཅས་རང་འགུལ་ངང་གཙང་སེལ་བྱས་ནས་ཆུ་འདྲེན་ཆུ་འབུད་མ་ལག་ཤར་གཏོང་ཐུབ་པ་བྱེད་དགོས། རྒྱུན་རྣམ་ཅན་གྱིས་ཆུ་ཡུར་གཙང་སེལ་དང་ཡུར་བུའི་འགྲམ་ངོས་སྲ་བརྟན་དུ་གཏོང་བའི་ལས་དོན་ཡག་པོ་སྤེལ་ནས་ཞིང་ནང་སྒྲིག་བཀོད་ཆུང་གྲས་ཀྱི་གནད་དོན་དུས་ཐོག་ཏུ་གྲལ་བཤེར་དང་ལེགས་བཅོས་བྱེད་དགོས། 

བཞི། ཞིང་ནང་ལས་ཀ་ཚད་ལྡན་དུ་གཏོང་བ། རྒྱ་ཆེའི་ཞིང་དུད་དང་ཞིང་འཕྲུལ་གཏོང་མཁན་གྱིས་ཞིང་ལས་བྱེད་སྐབས་བཀོལ་སྤྱོད་ཚད་ལྡན་དང་རྨོ་འདེབས་དལ་པོ་བྱས་ནས་ཞིང་ནང་རྨང་གཞིའི་སྒྲིག་བཀོད་མནན་གནོན་དང་རྡབ་རྡེབ་མི་ཕོག་པ་བྱེད་དགོས། གལ་ཏེ་གཟབ་ནན་མ་བྱས་པར་སྒྲིག་བཀོད་ལ་གཏོར་སྐྱོན་བཟོས་ཚེ་རང་འགུལ་ངང་འགན་འཁྲི་འཁུར་བ་དང་དུས་ཐོག་ཏུ་ཉམས་གསོ་བྱེད་དགོས། 

ལྔ། དོ་དམ་སྲུང་སྐྱོང་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། གྲོང་པ་ཁྱིམ་མཚེས་དབར་ཕན་ཚུན་དྲན་སྐུལ་དང་ལྟ་སྐུལ་བྱས་ཏེ། ཞིང་ས་གང་བྱུང་དུ་བཟུང་བ་དང་སྒྲིག་བཀོད་ལ་གཏོར་སྐྱོན་གཏོང་བ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་རང་རྟོགས་ངང་བཀག་འགོག་བྱེད་དགོས། སྒྲིག་ཆས་གཏོར་སྐྱོན་གཏོང་བ་དང་ངན་སེམས་བཅངས་ནས་གཏོར་བཤིག་གཏོང་བ། སྒྲིག་འགལ་ངང་ལས་སྒྲུབ་བྱེད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་གྲོང་ཚོ་ཨུ་ལྷན་དང་ཤང་གྲོང་རྡལ་(ཁྲོམ་གཞུང་)སྲིད་གཞུང་ལ་སྙན་སེང་ཞུ་དགོས། 

   ཞིང་བཟང་སྲུང་སྐྱོང་ཡག་པོ་བྱས་ན། ལོ་ལེགས་འགན་སྲུང་ཐུབ་ངེས་ཡིན། རེ་བར་མང་ཚོགས་ཡོངས་ཀྱིས་རང་འགུལ་ངང་ས་ཞིང་དོ་དམ་སྲུང་སྐྱོང་ནང་ཞུགས་ནས་ཐོན་བརྟན་འབབ་ཆེའི་ས་ཞིང་མཉམ་དུ་སྲུང་སྐྱོང་བྱས་ཏེ། ཚད་གཞི་མཐོ་བའི་ཞིང་ཁ་དེ་མང་ཚོགས་ཀྱི་འབབ་འཕར་ཞིང་ཁ་དང་བདེ་ལྡན་ས་ཞིང་དུ་རྒྱུན་མཐུད་ངང་འགྱུར་བ་བྱེད་དགོས།

    ལྷོ་ཁ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུད། 

        2026ལོའི་ཟླ་6ཚེས་25ཉིན།


扫一扫在手机打开当前页面